藏文比赛课件666

藏文比赛课件666

ID:36814488

大小:857.76 KB

页数:18页

时间:2019-05-10

藏文比赛课件666_第1页
藏文比赛课件666_第2页
藏文比赛课件666_第3页
藏文比赛课件666_第4页
藏文比赛课件666_第5页
资源描述:

《藏文比赛课件666》由会员上传分享,免费在线阅读,更多相关内容在教育资源-天天文库

1、ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ།སྐད་ཡིགལོ་རིམ་གསུམ་པ།སྟོད་ཆ།བྱང་ཁ་ལྟེ་བའི་སློབ་ཆུང་།སློབ་ཁྲིད་པ།དོན་གྲུབ་ཚེ་རིང་།ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ།སྐད་ཡིགལོ་རིམ་གསུམ་པ།སྟོད་ཆ།བྱ

2、ང་ཁ་ལྟེ་བའི་སློབ་ཆུང་།སློབ་ཁྲིད་པ།དོན་གྲུབ་ཚེ་རིང་།༡.སློབ་ཕྲུག་ཚོས་དུས་རྒྱུན་ཕ་མའི་ཁ་ལ་ཉན་གྱི་ཡོད་དམ།༢.སློབ་ཕྲུག་ཚོས་དུས་རྒྱུན་དགེ་རྒན་གྱི་ཁ་ལ་ཉན་གྱི་ཡོད་དམ།༣.སློབ་ཕྲུག་ཚོས་དུས་རྒྱུན་མི་ཁྲམ་པ་དང་གཡོ་སྒྱུ་ཅན་གྱི་ཁ་ལ་ཡང་ཉན་གྱི་ཡོད་དམ།རྟེའུས་ཆུ་བརྒལ་བ།༡.སློབ་ཚན་གྱི་ཁ་བྱང་སྟབས་འགྲེལ།རྟེའུ་ནི་རྟ་ཕྲུ

3、ག་སྟེ་རྟ་ཕོ་དང་རྒོད་མའི་ཕྲུ་གུ་ཆུང་ངུ་ལོ་གཅིག་མ་ལོན་པ་ལ་རྟེའུ་ཟེར།ཆུ་བརྒལ་བ་ནི་ཆུ་ལ་ཞུགས་ཏེ་སྒྲོལ་བའི་དོན་ཡིན།རྟེའུ་ཡིས་ཆུ་ལ་ཞུགས་ཏེ་ཆུ་བོའི་ཕ་རོལ་དུ་སྒྲོལ་བའི་དོན་ནོ།།༢.སློབ་ཚན་གྱི་དཀའ་གཙོ།སློབ་ཚན་དེ་སློབ་ཁྲིད་བྱས་པ་བརྒྱུད།བློ་ལྡན་ཁྱེད་ཚོས་སློབ་ཚན་གྱི་ནང་དོན་དང་ཚིག་དོན་ལ་གོ་བ་ལེན་དགོས་པ་མ་ཟད།ད

4、ཀའ་ངལ་འཕྲད་སྐབས་མི་གཞན་གྱིས་བཤད་པ་ཁོ་ན་ལ་མ་ཉན་པར།རང་ཉིད་ཀྱིས་བསམ་བློ་བཏང་སྟེ།ལག་ལེན་གྱི་ཁྲོད་ནས་དཀའ་ངལ་ཐག་གཅོད་བྱེད་པའི་ནུས་པ་སྐྱེད་སྲིང་ཐུབ་པ་བྱེད་དགོས།༣.སློབ་ཚན་ནང་གོ་དཀའ་བའི་མིང་དང་ཚིག་གསར།རྒོད་མ།གྲོ་སྒྱེ།ཆུ་འཁོར།གླང་རྒན།སྒམ་པོ།ནར་སོན།དིམ་པ།ཚོད་ལྟ།བརྒལ་བ།༤.སློབ་ཚན་གྱི་འགྲེལ་བ་རགས་བསྡུས།སློབ་

5、ཚན་དེ་ནང་དོན་གྱི་ཆ་ནས་ཁག་བཞི་ལ་དབྱེ་ཆོག་སྟེ།རྒོད་མས་རྟེའུ་ལ་“ད་ཆ་ཁྱོད་ནར་སོན་པས་ཨ་མ་ལ་རོགས་ཤིག་བྱས་ན་ཡོང་བ་འདུག་གམ།”ཞེས་དྲིས།ཁག་དང་པོ།{༡-༢}རྟེའུ་དགའ་ནས་ས་མཆོང་གནམ་མཆོང་བྱེད་བཞིན་“མི་འགྲིག་པ་ག་ལ་ཡོད།ངས་ཁྱེད་ལ་རོགས་པ་བྱེད་འདོད་ཆེན་པོ་ཡོད།”ཅེས་བཤད།རྟེའུ་ལ་དཀའ་ངལ་འཕྲད་པ།ཁག་གཉིས་པ།{༣-༦}གླང་རྒན་གྱིས“

6、ཆུ་འདི་ངའི་པུས་མོའི་མཚམས་ལ་སླེབས་ཙམ་ལས་མེད་པས་བརྒལ་ལོས་ཐུབ”ཅེས་བཤད་ནགས་བྱི་ཡིས“ཆུ་འདི་གཏིང་ཤིན་ཏུ་རིང་བས།ཁ་སང་ངའི་གྲོགས་པོ་ཞིག་ཀྱང་ཆུ་འདིའི་ནང་དུ་དིམ་ནས་ཤི་སོང”ཞེས་བཤད།ཁག་གསུམ་པ།{༧-༨}རྟེའུས་གཞན་གྱིས་བཤད་པའི་སྐད་ཆ་བརྡར་ཤ་གཅོད་པའི་ནུས་པ་མེད་པར་བརྟེན་ཨ་མར་སྐད་ཆ་འདྲི་བར་སོང་བ།ཁག་བཞི་པ།{༩}རྟེའུས་ཨ་མ

7、འི་བསླབ་བྱ་སེམས་སུ་བཅངས་ནས་དངོས་སུ་ལག་བསྟར་བྱས་པར་བརྟེན་ལས་འགན་ལེགས་འགྲུབ་བྱུང་བ་མ་ཟད།བདེན་དོན་ཡང་རྙེད་པའི་སྐོར།༥.གྲོས་བསྡུར་བྱ་རྒྱུ།ཆུ་བོའི་གཏིང་རིང་ཐུང་ལ་བཤད་ཚུལ་མི་འདྲ་བ་བྱུང་ཚུལ་ཅི་ཡིན།གླང་རྒན་གཟུགས་ཆེ་བས་{ཆུ་གཏིང་མི་རིང་བ།}ནག

当前文档最多预览五页,下载文档查看全文

此文档下载收益归作者所有

当前文档最多预览五页,下载文档查看全文
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天文库负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。