消元————解二元一次方程

消元————解二元一次方程

ID:38559903

大小:37.50 KB

页数:4页

时间:2019-06-14

消元————解二元一次方程_第1页
消元————解二元一次方程_第2页
消元————解二元一次方程_第3页
消元————解二元一次方程_第4页
资源描述:

《消元————解二元一次方程》由会员上传分享,免费在线阅读,更多相关内容在教育资源-天天文库

1、8.2རྒྱུ་གཉིས་ཐེངསམགཅིག་མཉམ་བྱའི་འགྲོལ་ཐབས(༡)རྒྱུ་སེལ་བ།སློབ་ཁྲིད་གྱི་དམིགས་འབེན།༡ཚབ་འཇུག་ཐབས་ཀྱིས་རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོར་འགྲོལ་ཤེས་རྒྱུ།༢རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོར་འགྲོལ་བའི་གཞི་རྩའི་བསམ་བློ་སྟེ་རྒྱུ་སེལ་བ་རག་ཙམ་ཤེས་རྒྱུ།༣སློབ་ཁྲིད་གྱི་གཙ

2、ོ་གནད།ཚབ་འཇུགཐབས་ཀྱིས་རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོར་འགྲོལ་ཤེས་རྒྱུ།༤སློབ་ཁྲིད་གྱི་དཀའ་གནད།རྒྱུ་སེལ་བའི་བསམ་བློ་རྒྱུད་ལ་ཆགས་རྒྱུའོ།༥སློབ་ཁྲིད་གྱི་དུས་ཚོད།སློབ་ཐུན་གཅིག།༦སློབ་ཁྲིད་གྱི་ཡོ་བྱད།བསླབ་གཞི་ཆ་ཚང་།༧སློབ་ཁྲིད་གྱི་བརྒྱུད་རིམ།༡སྔོན་འགྲོ་ཚད་འཇལ།༢ས

3、ློབ་ཁྲིད་དངོས།གཅིགསྔོན་སྤྱོང་དཔྱད་གཞི།དྲ་ལོང་སྤོ་ལོ་འགྲན་སྡུར་གྱི་སྐབས་སུ།འགྲན་ཐེངས་རེར་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དགོས་ཏེ།རུ་ཁག་རེ་ཐེངས་1ལ་རྒྱལ་ན་སྐར་མ2དང་།ཐེངས་1ལ་ཕམ་ན་སྐར་མ་1ཐོབ།རུ་ཁག་ཅིག་གིས་མིང་རིམ་བཟང་བོ་ཞིག་ཐོབ་ཆེད།འགྲན་སྡུར་ཡོངས་ཀྱི་འགྲན་ཐེངས་22ཁ

4、ྲོད་དུ་སྐར་མ་40ལེན་བསམ་པ་རེད།འོ་ན་རུ་ཁག་འདིའི་རྒྱལ་ཕམ་གྱི་གྲངས་ཀ་སོ་སོར་ཅི་ཙམ་ཡིན་དགོས།གལ་ཏེ་ཐེངས་xལ་རྒྱལ་བར་བྱས་ན།ཐེངས་(22-x)ལ་ཕམ་པ་ཡིན།དེ་མཉམ་བྱ་བཀོལ་ནས་མཚོན་ནབཀྲོལ་ཐོབ་ནིx=.ཐུན་སྔོན་མར་ང་ཚོས་རྒྱལ་བའི་ཐེངས་གྲངས་xདང་ཕམ་པའི་ཐེངས་གྲངས་yབྱས་ནས་རྒྱུ་གཉིས་

5、ཐེངས་གཅིག་མཉམ་བྱ་བཀོལ་ན       x+y=22       2x+y=40བསམ་གཞིགས།གོང་གི་རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོར་དང་རྒྱུ་གཉིས་ཐེངས་གཅིག་མཉམ་བྱར་འབྲེལ་བ་ཅི་ཡོད།མཐོང་ཐུབ་པ་ནི།རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོར་ཁྲོད་གྱི་མཉམ་བྱ་དང་པོ་x+y=22ལས་y=22-x,ཡིན་པ་གསལ་བཤད་བྱས་ཡོད་ད

6、ེ།མཉམ་བྱ་གཉིས་པ་2x+y=40ནང་གི་yདེ་22-xལ་བརྗེས་ན།མཉམ་བྱ་འདི་རྒྱུ་གཅིག་ཐེངས་གཅིག་མཉམ་བྱ་.ལ་བསྒྱུར་ཐུབ་པ་ཡིན།རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོར་ལ་མ་ཤེས་གྲངས་གཉིས་ཡོད།གལ་ཏེ་དེའི་ནང་གི་གཅིག་སེལ་ན།རྒྱུ་གཉིས་ཐེངས་གཅིག་མཉམ་བྱ་སྐོརདེ་ང་ཚོར་ཆ་རྒྱུས་ཡོད་པའི་རྒྱུ་གཅིག

7、་ཐེངས་གཅི་མཉམ་བྱར་བསྒྱུར་ཐུབ་ཅིང་།ང་ཚོས་མ་ཤེས་གྲངས་གཅིག་སྔོན་ལ་བཀྲོལ་རྗེས།ད་གཟོད་མ་ཤེས་གྲངས་ཅིག་ཤེས་དེ་བརྩི་ཐུབ་བྱས་ཆོགམ་ཤེས་གྲངས་ཀྱི་ངོ་གྲངས་ཇེ་ཉུང་དུ་བཏང་སྟེ་རིམ་བཞིན་ཐག་གཅོད་པའི་བསམ་བློ་གཏོང་ཐབས་འདི་ལྟ་བུ་ལ་རྒྱུ་སེལ་བསམ་བློ་ཟེར།ཕྱོགས་བསྡུས།རྒྱུ་གཉིས

8、་ཐེངས་གཅིག་མཉམ་བྱ་སྐོར་ཁྲོད་ཀྱི་མཉམ་བྱ་གཅིག་ལས་མ་ཤེས་གྲངས་གཅིག་མ་ཤེས་གྲངས་ཅིག་ཤོས་འདུས་པའི་རྩིས་ཕྲེང་གིས་མཚོན་རྗེས།མཉམ་བྱ་ཅིག་ཤོས་སུ་ཚབ་འཇུག་བྱས་ནས་རྒྱུ་སེལ་ཏེ།རྒྱུ་གཅིག་ཐེངས་གཅིག་མཉམ་བྱ་ཞིག་ཐོབ།བྱེད་ཐབས་འདི་རིགས་ལ་ཚབ་འཇུག་རྒྱུ་སེལ་ཐབས་

当前文档最多预览五页,下载文档查看全文

此文档下载收益归作者所有

当前文档最多预览五页,下载文档查看全文
温馨提示:
1. 部分包含数学公式或PPT动画的文件,查看预览时可能会显示错乱或异常,文件下载后无此问题,请放心下载。
2. 本文档由用户上传,版权归属用户,天天文库负责整理代发布。如果您对本文档版权有争议请及时联系客服。
3. 下载前请仔细阅读文档内容,确认文档内容符合您的需求后进行下载,若出现内容与标题不符可向本站投诉处理。
4. 下载文档时可能由于网络波动等原因无法下载或下载错误,付费完成后未能成功下载的用户请联系客服处理。